ཚད་མྱེད་པ་རྣམས་སུ་བཏགས་པ་མྱེད་དོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སུ་བཏགས་པ་མྱེད་དོ། །​རྣམ་པར་ཐར་པ་རྣམས་སུ་བཏགས་པ་མྱེད་དོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སུ་བཏགས་པ་མེད་དོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པར་བཏགས་པ་མྱེད་དོ། །​མངོན་པར་ཤེས་པ་རྣམས་སུ་བཏགས་པ་མྱེད་དོ། །​ཏིང་ངེ་འཛིན་རྣམས་སུ་བཏགས་པ་མྱེད་དོ། །​གཟུངས་ཀྱི་སྒོ་རྣམས་སུ་བཏགས་པ་མྱེད་དོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་སུ་བཏགས་པ་མྱེད་དོ། །​མྱི་འཇིགས་པ་རྣམས་སུ་བཏགས་པ་མྱེད་དོ། །​སོ་སོ་ཡང་དག་པར་རིག་པ་རྣམས་སུ་བཏགས་པ་མྱེད་དོ། །​བྱམས་པ་ཆེན་པོར་བཏགས་པ་མྱེད་དོ། །​སྙིང་རྗེ་ཆེན་པོར་བཏགས་པ་མྱེད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དུ་བཏགས་པ་མེད་དོ། །​ཆོས་བསྟན་པ་འདི་ལ་ནི་རྒྱུན་ཏུ་ཞུགས་པར་བཏགས་པ་མྱེད་དོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུར་བཏགས་པ་མྱེད་དོ། །​ལན་ཅིག་ཕྱིར་འོང་བར་བཏགས་པ་མྱེད་དོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུར་བཏགས་པ་མྱེད་དོ། །​ཕྱིར་མྱི་འོང་བར་བཏགས་པ་མྱེད་དོ། །​ཕྱིར་མྱི་འོང་བའི་འབྲས་བུར་བཏགས་པ་མྱེད་དོ། །​དགྲ་བཅོམ་པར་བཏགས་པ་མྱེད་དོ། །​དགྲ་བཅོམ་པ་ཉིད་དུ་བཏགས་པ་མྱེད་དོ། །​རང་སངས་རྒྱས་སུ་བཏགས་པ་མྱེད་དོ། །​རང་བྱང་ཆུབ་ཏུ་བཏགས་པ་མྱེད་དོ། །​བྱང་ཆུབ་སེམས་དཔར་བཏགས་པ་མྱེད་དོ། །​བྱང་ཆུབ་སེམས་དཔའི་ས་རྣམས་སུ་བཏགས་པ་མྱེད་དོ། །​སངས་རྒྱས་སུ་བཏགས་པ་མྱེད་དོ། །​བྱང་ཆུབ་ཏུ་བཏགས་པ་མྱེད་དོ། །​ཡི་གེ་རྣམས་སུ་བཏགས་པ་མྱེད་དོ། སྙམ་པ་དང་། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །​ལྷའི་བུ་དག་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པའི་བྱང་ཆུབ་ནི་བརྗོད་དུ་མྱེད་དོ། །​སྨྲར་མྱེད་དོ། །​དེ་ནི་སུས་ཀྱང་བསྟན་པ་མྱེད་དོ། །​སུས་ཀྱང་ཐོས་པ་མྱེད་དོ། །​སུས་ཀྱང་ཤེས་པ་མྱེད་དོ། །​ལྷའི་བུ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96184#UT22084-014-001-96184