ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​ཡང་དག་པར་སྤོང་བ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག། དབང་པོ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག། ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​སྟོབས་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྒྲ་ཡོད་པར་མ་འགྱུར་ཅིག །​འཕགས་པའི་བདེན་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​བསམ་གཏན་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​ཚད་མྱེད་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​རྣམ་པར་ཐར་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་སྒྲ་ཡོད་པར་མ་འགྱུར་ཅིག །​མངོན་པར་ཤེས་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​ཏིང་ངེ་འཛིན་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །གཟུངས་ཀྱི་སྒོ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​མྱི་འཇིགས་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​བྱམས་པ་ཆེན་པོའི་སྒྲ་ཡོད་པར་མ་འགྱུར་ཅིག །​སྙིང་རྗེ་ཆེན་པོའི་སྒྲ་ཡོད་པར་མ་འགྱུར་ཅིག །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྒྲ་ཡོད་པར་མ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96163#UT22084-014-001-96163