འབྲེལ་བར་འབྱུང་བའི་སྒྲ་ཡོད་པར་མ་འགྱུར་ཅིག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ཡོད་པར་མ་འགྱུར་ཅིག །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ཡོད་པར་མ་འགྱུར་ཅིག །​བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ཡོད་པར་མ་འགྱུར་ཅིག །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ཡོད་པར་མ་འགྱུར་ཅིག །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ཡོད་པར་མ་འགྱུར་ཅིག །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ཡོད་པར་མ་འགྱུར་ཅིག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​ནང་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​ཕྱི་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​ཕྱི་ནང་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​ཆེན་པོ་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​དོན་དམ་པ་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​འདུས་བྱས་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​འདུས་མ་བྱས་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག་ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​དོར་བ་མེད་པ་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​རང་བཞིན་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​ཅེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྒྲ་ཡོད་པར་མ་འགྱུར་ཅིག །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96162#UT22084-014-001-96162