ཡང་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་མྱེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རབ་དུ་དགོད་པར་བྱའོ། །​ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་བར་མི་བྱའོ། །​མྱིག་ལྔ་བསྒྲུབ་པར་བྱ་སྟེ། ལྔ་གང་ཞེ་ན་ཤའི་མྱིག་དང་ལྷའི་མྱིག་དང་ཤེས་རབ་ཀྱི་མྱིག་དང་ཆོས་ཀྱི་མྱིག་དང་སངས་རྒྱས་ཀྱི་མྱིག་བསྒྲུབ་པར་བྱའོ། །​ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་བསྒྲུབ་པར་བྱའོ། །​ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ་ཏིང་ངེ་འཛིན་གང་དང་གང་གིས་རྣམ་པར་རྩེ་བར་འདོད་པའི་ཏིང་ངེ་འཛིན་དེ་དང་དེས་རྣམ་པར་རྩེ་བར་བྱའོ། །​ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​གཟུངས་ཀྱི་སྒོ་ཐམས་ཅད་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​མྱི་འཇིགས་པ་བཞི་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​བྱམས་པ་ཆེན་པོ་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​སྙིང་རྗེ་ཆེན་པོ་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་ལ་དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་བསྒྲུབ་པར་བྱའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96158#UT22084-014-001-96158