ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​དད་པའི་རྗེས་སུ་འབྲང་བའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​ཆོས་ཀྱི་རྗེས་སུ་འབྲང་བའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །བརྒྱད་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​རྒྱུན་ཏུ་ཞུགས་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​པོ་ཟོས་ན་ལན་བདུན་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​རིགས་ནས་རིགས་སུ་འགྲོ་བའོ་ཞེའམ། གཅིག་གིས་ཆོད་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​གང་ཟག་མགོ་མཉམ་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​ཚེ་ཟད་པའོ་ཞེ་འམ། ཉོན་མོངས་པ་ཟད་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​རྒྱུན་ཏུ་ཞུགས་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​ལོག་པར་ལྟུང་བ་མྱེད་པའི་ཆོས་ཅན་ནོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​ལན་ཅིག་ཕྱིར་འོང་བ་སྟེ་འཇིག་རྟེན་འདིར་ལན་ཅིག་འོངས་ནས་སྡུག་བསྔལ་མཐར་དབྱུང་ངོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །​ཕྱིར་མྱི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​ཕྱིར་མྱི་འོང་བ་སྟེ་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​དགྲ་བཅོམ་པ་སྟེ་ཚེ་འདི་ཉིད་ལ་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​རང་སངས་རྒྱས་སོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96159#UT22084-014-001-96159