པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། ཕྱིར་མྱི་ལྡོག་པའི་ས་ལ་གནས་པར་བྱའོ། །​ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལྔ་ལ་གནས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། བསྙེན་བཀུར་བ་དང་། ཆོས་མཉན་པ་དང་། ཐོས་ནས་ཀྱང་དེ་བཞིན་ཉིད་དུ་གཞན་ལ་བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ཚད་མྱེད་གྲངས་མྱེད་པར་འགྲོའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཞིང་ཇི་འདྲ་བ་དེ་འདྲ་བ་ཉིད་དུ་ཡོངས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་རྣམས་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱའོ་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་གནས་པར་མྱི་བྱའོ། །​འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་བར་སོང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མེ་ཏོག་དང་། ཕྲེང་བ་དང་དྲི་དང་བྱུག་པ་དང་ཕྱེ་མ་དང་། ཆོས་གོས་དང་གདུགས་དང་རྒྱལ་མཚན་དང་བ་དན་མང་པོས་རིམ་གྲོར་བྱའོ། །​བཀུར་སྟིར་བྱའོ་ཕུ་དུད་དུ་བྱའོ་མཆོད་པར་བྱའོ། །​དེ་བཞིན་གཤེགས་པ་དེ་དག་ལ་ན་བཟའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་གིས་ཀྱང་མཆོད་པར་བྱའོ། །​ཞེས་བྱ་བ་དེ་ལྟར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96157#UT22084-014-001-96157