ཤིན་ཏུ་རྣམ་པར་དག་པའི་ཕྱིར་དྲི་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་རེག་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆོས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་མིག་གི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཟུགས་ཀྱི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་མྱིག་གི་རྣམ་པར་ཤེས་པའི་ཁམས་མྱི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣ་བའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྒྲའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣ་བའི་རྣམ་པར་ཤེས་པའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྣའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་དྲིའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྣའི་རྣམ་པར་ཤེས་པའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ལྕེའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ལྕེའི་རྣམ་པར་ཤེས་པའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ལུས་ཀྱི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་རེག་གི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཡིད་ཀྱི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆོས་ཀྱི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་སའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆུའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་མེའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་རླུང་གི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ནམ་མཁའི་ཁམས་མི་དམིགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7025#UT22084-014-001-7025