སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར། རྣམ་པར་ཤེས་པའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་མ་རིག་པ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་འདུ་བྱེད་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་ཤེས་པ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་མིང་དང་གཟུགས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྐྱེ་མཆེད་དྲུག་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་རེག་པ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཚོར་བ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྲེད་པ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ལེན་པ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྲིད་པ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྐྱེ་བ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྒ་ཤི་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྡུག་བསྔལ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཀུན་འབྱུང་བ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་འགོག་པ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ལམ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་འདོད་པའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཟུགས་ཀྱི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཟུགས་མེད་པའི་ཁམས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཤེས་རབ་ཀྱི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7026#UT22084-014-001-7026