ཀྱི་སྒོ་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། མྱི་འཇིགས་པ་རྣམས་ལ་མྱི་དམྱིགས་པའི་ཚུལ་གྱིས་སློབ་པ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། བྱམས་པ་ཆེན་པོ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། སྙིང་རྗེ་ཆེན་པོ་ལ་མྱི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ། །​ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་མྱི་དམིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ། ཤིན་ཏུ་རྣམ་པར་དག་པའི་ཕྱིར། བདག་མི་དམིགས་སོ། སེམས་ཅན་མི་དམིགས་སོ། །​སྲོག་མི་དམིགས་སོ། །​འགྲོ་བ་མྱི་དམིགས་སོ། །​གསོ་བ་མྱི་དམིགས་སོ། །​སྐྱེས་བུ་མི་དམིགས་སོ། །​གང་ཟག་མི་དམིགས་སོ། །​ཤེད་ཅན་མྱི་དམྱིགས་སོ། །​ཤེད་བདག་མྱི་དམྱིགས་སོ། །​བྱེད་པ་པོ་མྱི་དམིགས་སོ། །​ཚོར་བ་པོ་མི་དམིགས་སོ། །​ཤེས་པ་པོ་མྱི་དམིགས་སོ། །​མཐོང་བ་པོ་མྱི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཟུགས་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཚོར་བ་མི་དམྱིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་འདུ་ཤེས་མྱི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་འདུ་བྱེད་མྱི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་ཤེས་པ་མྱི་དམྱིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་མྱིག་མྱི་དམྱིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣ་བ་མྱི་དམྱིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྣ་མི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ལྕེ་མྱི་དམྱིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ལུས་མྱི་དམིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཡིད་མི་དམྱིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཟུགས་མྱི་དམྱིགས་སོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྒྲ་མི་དམིགས་སོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7024#UT22084-014-001-7024