གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཏིང་ངེ་འཛིན་རྣམས། ཏིང་ངེ་འཛིན་རྣམས་ཉིད་ཀྱང་སྟོང་པ་ཉིད་དོ། །​གཟུངས་ཀྱི་སྒོ་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་གཟུངས་ཀྱི་སྒོ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་གཟུངས་ཀྱི་སྒོ་རྣམས་མེད། གཟུངས་ཀྱི་སྒོ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་གཟུངས་ཀྱི་སྒོ་རྣམས། གཟུངས་ཀྱི་སྒོ་རྣམས་ཉིད་ཀྱང་སྟོང་པ་ཉིད་དོ། །​དེ་བཞིན་གཤེགས་པའི་སྟོབས་བཅུའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པའི་སྟོབས་རྣམས་མེད། དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་དེ་བཞིན་གཤེགས་པའི་སྟོབས། དེ་བཞིན་གཤེགས་པའི་སྟོབས་ཉིད་ཀྱང་སྟོང་པ་ཉིད་དོ། །​མི་འཇིགས་པ་བཞིའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མི་འཇིགས་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་མི་འཇིགས་པ་རྣམས་མེད། མི་འཇིགས་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་མི་འཇིགས་པ། མི་འཇིགས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སོ་སོ་ཡང་དག་པར་རིག་པ་བཞིའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སོ་སོ་ཡང་དག་པར་རིག་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སོ་སོ་ཡང་དག་པར་རིག་པ་རྣམས་མེད། སོ་སོ་ཡང་དག་པར་རིག་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སོ་སོ་ཡང་དག་པར་རིག་པ། སོ་སོ་ཡང་དག་པར་རིག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​བྱམས་པ་ཆེན་པོའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་བྱམས་པ་ཆེན་པོ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་བྱམས་པ་ཆེན་པོ་མེད། བྱམས་པ་ཆེན་པོ་ལས་གུང་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་བྱམས་པ་ཆེན་པོ། བྱམས་པ་ཆེན་པོ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྙིང་རྗེ་ཆེན་པོའི་སྟོང་པ་ཉིད་གང་ཡིན་པ་དེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6993#UT22084-014-001-6993