པར་ཐར་པ། རྣམ་པར་ཐར་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མེད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཉིད་ཀྱང་སྟོང་པ་ཉིད་དོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མེད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །མངོན་པར་ཤེས་པ་དྲུག་གི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མངོན་པར་ཤེས་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་མངོན་པར་ཤེས་པ་རྣམས་མེད། མངོན་པར་ཤེས་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་མངོན་པར་ཤེས་པ་རྣམས། མངོན་པར་ཤེས་པ་རྣམས་ཉིད་ཀྱང་སྟོང་པ་ཉིད་དོ། །​ཏིང་ངེ་འཛིན་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཏིང་ངེ་འཛིན་རྣམས་མ་ཡིན། སྟོང་པ་ཉིད་ལས་གུང་ན་ཡང་ཏིང་ངེ་འཛིན་རྣམས་མེད། ཏིང་ངེ་འཛིན་རྣམས་ལས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6992#UT22084-014-001-6992