ཡང་སྙིང་རྗེ་ཆེན་པོ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སྙིང་རྗེ་ཆེན་པོ་མེད། སྙིང་རྗེ་ཆེན་པོ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སྙིང་རྗེ་ཆེན་པོ། སྙིང་རྗེ་ཆེན་པོ་ཉིད་ཀྱང་སྟོང་པ་ཉིད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​ཐམས་ཅད་ཤེས་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཐམས་ཅད་ཤེས་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཐམས་ཅད་ཤེས་པ་ཉིད་མེད། ཐམས་ཅད་ཤེས་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཐམས་ཅད་ཤེས་པ་ཉིད། ཐམས་ཅད་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ལམ་གྱི་རྣམ་པ་ཤེས་པ་ཉིད་མེད། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ལམ་གྱི་རྣམ་པ་ཤེས་པ་ཉིད། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6994#UT22084-014-001-6994