ཕཊ་ཀྱིས། །​ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །​གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །​མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །​ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །​བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །​ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །​དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །​ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །​སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །​མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །​རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །​ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །​དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །​བཞད་པ་རབ་བཞད་ཏུ་ཏྟྭ་ར་ཡིས། །​བདུད་དང་འཇིག་རྟེན་དབང་དུ་མཛད་མ། །​ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །​ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །​ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། །​ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །​ཕྱག་འཚལ་ཟླ་བའི་རྩེ་མོས་དབུ་བརྒྱན། །​བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །​རལ་པའི་ཁྲོད་ན་འོད་དཔག་མེད་ལས། །​རྟག་པར་ཤིན་ཏུ་འོད་ནི་མཛད་མ། །​ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །​འབར་བའི་ཕྲེང་བའི་དབུས་ན་གནས་མ། །​གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགས། །​དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །​ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། །​མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །​ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །​རིམ་པ་བདུན་པོ་རྣམས་ནི་འགེམས་མ། །​ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །​མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །​སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །​སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །​ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །​དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །​ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །​རིག་པ་ཧཱུྃ་ལས་སྒྲོན་མ་ཉིད་མ། །​ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །​ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །​རི་རབ་མན་དཱ་ར་དང་འབིགས་བྱེད། །​འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །​ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །​རི་དགས་རྟགས་ཅན་ཕྱག་ན་བསྣམས་མ། །​ཏཱ་ར་གཉིས་བརྗོད་ཕཊ་ཀྱི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh438/UT22084-081-007-116#UT22084-081-007-116