ཅད་དེང་འདིར་བདེར་གྱུར་ཅིག །​འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །​ས་འམ་འོན་ཏེ་བར་སྣང་འཁོད་པ་དག །​སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །​ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་པར་ཤོག །​འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུང་ཞིང་བརྫུན་མེད་པ། །​བདེན་པ་དེ་ཡིས་འདིར་ནི་དགེ་བར་ཤོག །​དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །​སངས་རྒྱས་ཀུན་གྱི་གཟི་བརྗིད་དང་། །​རང་རྒྱལ་དག་གི་གཟི་བརྗིད་དང་། །​དགྲ་བཅོམ་དག་གི་མཐུ་དག་དང་། །​གསང་སྔགས་འཛིན་པ་ཐམས་ཅད་དང་། །​ཤཱ་རིའི་བུ་ཡི་ཤེས་རབ་དང་། །​མཽད་གལ་བུ་ཡི་རྫུ་འཕྲུལ་དང་། །​མ་འགགས་པ་ཡི་མིག་དང་ནི། །​འོད་སྲུང་སྦྱངས་པའི་ཡོན་ཏན་དང་། །​ཀཽཎྜི་ནྱ་ཡི་སྔར་ཐོབ་དང་། །​ཀུན་དགའ་བོ་ཡི་ཐོས་པ་དང་། །​ཚངས་བ་ཡི་ནི་བྱམས་པ་དང་། །​བརྒྱ་བྱིན་གྱི་ནི་དབང་རྣམས་དང་། །​འཇིག་རྟེན་སྐྱོང་བའི་ཡུལ་རྣམས་དང་། །​དབང་ཕྱུག་ཆེན་པོའི་སྟོབས་དག་དང་། །​སྡེ་དཔོན་རྣམས་ཀྱི་མཐུ་དག་དང་། །​འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང་། །​དེ་དག་རྣམས་ཀྱི་མཐུ་དང་གཟིས། །བདག་གི་དུག་ནི་དུག་མེད་ཤོག །​སྟོང་ཆེན་མོ་རབ་ཏུ་འཇོམས་པ་ལས་གསུངས་པའི་སྨོན་ལམ་རྫོགས་སྷོ།​།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1098/UT22084-096-062-126#UT22084-096-062-126