འཇིགས་པ་དང་། སྐར་མདའ་ལྟུང་བ་དང་། རྒྱུ་སྐར་གྱི་གནོད་པས་འཇིགས་པར་མི་འགྱུར་རོ། །​ཚེ་རབས་དྲན་པར་འགྱུར་རོ། །​གཟའ་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །​གཟའ་ཐམས་ཅད་ཀྱིས་ཅི་འདོད་པ་སྦྱིན་པར་བྱེད་དོ། །​དེ་ནས་བཅོམ་ལྡན་འདས་ལ་གཟའ་རྣམས་ཀྱིས་ཕྱག་འཚལ་ཏེ་ལེགས་སོ་ལེགས་སོ་ཞེས་གསོལ་ཏེ་མི་སྣང་བར་གྱུར་ཏོ། །​གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སོ།​། །​།


The English translation of this folio by 84000 Translating the words of the Buddha can be found at:
https://84000.co/translation/toh998/UT22084-091-058-176#UT22084-091-058-176