འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ལྷུན་པོའི་འོད་སྐྱེ་བའི་ཡུལ་ནི་རི་བོ་བརྩེགས་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་འབུམ་མོ། །​ཡབ་ནི་ལྷའི་མེ་ཏོག་ཅེས་བྱའོ། །​ཡུམ་ནི་འབྱོར་གྲགས་ཞེས་བྱའོ། །​སྲས་ནི་ཐར་པ་བརྩེགས་ཞེས་བྱའོ། །​རིམ་གྲོ་པ་ནི་ལྷའི་འོད་ཟེར་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷའི་ཟླ་བ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་བརྟན་ཞེས་བྱའོ། །​འདུས་པ་ནི་ལན་ཐེར་འབུམ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །​དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་འཕགས་པས་བསྟོད་པ་སྐྱེ་བའི་ཡུལ་ནི་བློ་གྲོས་གྲགས་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དགུ་ཁྲིའོ། །​ཡབ་ནི་མཐའ་ཡས་སྦེད་ཅེས་བྱའོ། །​ཡུམ་ནི་གྲགས་པའི་ཕྲེང་བ་ཞེས་བྱའོ། །སྲས་ནི་ལྷ་སྦེད་ཅེས་བྱའོ། །​རིམ་གྲོ་པ་ནི་གྲགས་པ་སྤོང་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་ཀུན་གྱིས་མཆོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོན་པ་གྲགས་ཞེས་བྱའོ། །​འདུས་པ་ནི་ལན་བཅྭ་བརྒྱད་དེ། ཐམས་ཅད་ལ་ཡང་བྱེ་བ་འབུམ་ཕྲག་བཅྭ་བརྒྱད་བཅྭ་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྣང་ལྡན་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཕུང་པོ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་སྟོང་ངོ་། །​ཡབ་ནི་ཟང་ཟིང་སྤངས་ཞེས་བྱའོ། །​ཡུམ་ནི་མཆོག་སྦྱིན་ཞེས་བྱའོ། །​སྲས་ནི་རྣམ་པར་གྲགས་པའི་རྒྱལ་པོ་ཞེས་བྱའོ། །​རིམ་གྲོ་པ་ནི་མཐུ་རྩལ་རྡོ་རྗེ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདུད་རྩིའི་སྙིང་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14384#UT22084-045-001-14384