ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་བཤེས་གཉེན་བཟང་པོ་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཆེན་པོ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་ཁྲིའོ། །​ཡབ་ནི་མི་གཡོ་བར་གནས་པ་ཞེས་བྱའོ། །​ཡུམ་ནི་མཆོད་པ་འབྱོར་ཅེས་བྱའོ། །​སྲས་ནི་ཐར་པ་དགའ་ཞེས་བྱའོ། །​རིམ་གྲོ་པ་ནི་མྱ་ངན་འདས་པའི་སྙིང་པོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲགས་པ་བརྒྱན་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འབྱོར་དགའ་སེང་གེའི་སྟོབས་ཞེས་བྱའོ། །​འདུས་པ་ནི་ལན་བཅུ་གསུམ་སྟེ། ཐམས་ཅད་ལ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲི་ཕྲག་འབུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་ཁྲི་བརྒྱད་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རབ་ཏུ་ཞི་བའི་སྟབས་སྐྱེ་བའི་ཡུལ་ནི་ཡུལ་བཟང་མཆོད་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སུམ་ཁྲིའོ། །​ཡབ་ནི་ཆོས་ཀྱི་ལྷ་ཞེས་བྱའོ། །​ཡུམ་ནི་ཡིད་དུ་འོང་བའི་དབྱངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱའོ། །​སྲས་ནི་དབང་པོ་དུལ་ཞེས་བྱའོ། །​རིམ་གྲོ་པ་ནི་ས་གསལ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྣང་བ་མཐའ་ཡས་དཔལ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལག་ན་རིན་ཆེན་ཏོག་གི་རྒྱལ་མཚན་ཞེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་དགུ་བཅུ་རྩ་བརྒྱད་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་བདུད་རྩིའི་བདག་པོ་སྐྱེ་བའི་ཡུལ་ནི་གྲགས་པ་སྤོང་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དྲུག་ཁྲི་དྲུག་སྟོང་ངོ་། །​ཡབ་ནི་ཟབ་པར་གྲགས་ཞེས་བྱའོ། །​ཡུམ་ནི་དགྲ་བཅོམ་མཆོད་ཅེས་བྱའོ། །​སྲས་ནི་དགྲ་སྤོང་ང་རོ་ཞེས་བྱའོ། །​རིམ་གྲོ་པ་ནི་ཡུལ་གྲགས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་དཔལ་གྲགས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷ་གྲགས་ཐར་པ་ཞེས་བྱའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14383#UT22084-045-001-14383