སྐུ་ཚེའི་ཚད་ནི་ལོ་ཁྲི་བརྒྱད་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་སྤྱོད་པ་གསལ་སྐྱེ་བའི་ཡུལ་ནི་སྤྱོད་པ་དང་ལྡན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དགུ་སྟོང་ངོ་། །​ཡབ་ནི་ལྷ་མཆོད་ཅེས་བྱའོ། །​ཡུམ་ནི་འབྱོར་པའི་འོད་ཅེས་བྱའོ། །​སྲས་ནི་རིན་ཆེན་ཏོག་གི་རྒྱལ་མཚན་ཞེས་བྱའོ། །​རིམ་གྲོ་པ་ནི་རིན་ཆེན་མཐའ་ཡས་མཛོད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་སྒྲོན་མ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མེ་ཏོག་འབྱོར་ཞེས་བྱའོ། །​འདུས་པ་ནི་ལན་བཅུ་གཅིག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་དགུ་བཅུ་རྩ་བཞི་བཞིའོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བདུན་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲི་བདུན་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རིན་ཆེན་དགྱེས་སྐྱེ་བའི་ཡུལ་ནི་ཟླ་བ་སྣང་བ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དགུ་བཅུའོ། །​ཡབ་ནི་ལེགས་མཐོང་སྒྲོན་མའི་རྒྱལ་པོ་ཞེས་བྱའོ། །​ཡུམ་ནི་མཐའ་ཡས་འོད་ཅེས་བྱའོ། །​སྲས་ནི་ཟླ་མཛེས་ཞེས་བྱའོ། །​རིམ་གྲོ་པ་ནི་བློ་གྲོས་མཆོག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཆོད་འོས་ཁ་ལོ་སྒྱུར་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤིན་ཏུ་གྲགས་པ་ཞེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་རྩ་དགུ་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་དགུ་དགུའོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཆོས་ཀྱི་དབང་ཕྱུག་སྐྱེ་བའི་ཡུལ་ནི་བསོད་ནམས་རྒྱལ་མཚན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་སུམ་བརྒྱའོ། །​ཡབ་ནི་སྒྲ་མཆོག་ཅེས་བྱའོ། །​ཡུམ་ནི་བློ་གྲོས་གྲགས་ཞེས་བྱའོ། །​སྲས་ནི་ཡེ་ཤེས་འབྱོར་ཅེས་བྱའོ། །​རིམ་གྲོ་པ་ནི་འཇིག་རྟེན་མཆོད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14381#UT22084-045-001-14381