གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་དྲན་པའི་དབང་པོ་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཕུང་པོ་འོད་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ཁྲི་ཉིས་སྟོང་ངོ་། །​ཡབ་ནི་མཐུ་རྩལ་གྲགས་ཞེས་བྱའོ། །​ཡུམ་ནི་མྱ་ངན་ལས་འདས་པའི་གཟི་བརྗིད་ཅེས་བྱའོ། །​སྲས་ནི་ཆོས་ཀྱི་མར་མེ་སྐར་མདའ་ཞེས་བྱའོ། །​རིམ་གྲོ་པ་ནི་བདེན་པའི་ཏོག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཟང་ལྡན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་འདས་ཞེས་བྱའོ། །​འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་ཉི་ཤུ་རྩ་ལྔ་ལྔའོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཐོགས་པ་མེད་པའི་རྒྱལ་མཚན་སྐྱེ་བའི་ཡུལ་ནི་མཐའ་ཡས་བརྒྱན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བདུན་ཁྲིའོ། །​ཡབ་ནི་ཟླ་བའི་གཟི་བརྗིད་མཐུ་ཞེས་བྱའོ། །​ཡུམ་ནི་ཉི་མའི་གཟི་བརྗིད་ཕུང་པོའི་འོད་ཅེས་བྱའོ། །​སྲས་ནི་ལྷ་དགའ་ཞེས་བྱའོ། །​རིམ་གྲོ་པ་ནི་བརྟུལ་ཞུགས་རྫོགས་པ་ལྷ་མཆོད་གྲགས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འབྱོར་པའི་བློ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཀུན་ལྷ་ཡེ་ཤེས་མཐོང་ཞེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དགུ་དགུའོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་བྱང་ཆུབ་མཆོག་བགྲོད་སྐྱེ་བའི་ཡུལ་ནི་ཡེ་ཤེས་སྣང་བ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བདུན་བརྒྱའོ། །​ཡབ་ནི་བསོད་ནམས་ཁ་ལོ་སྒྱུར་ཞེས་བྱའོ། །​ཡུམ་ནི་རིན་ཆེན་སྦྱིན་ཞེས་བྱའོ། །སྲས་ནི་ང་རོ་བདེ་ཞེས་བྱའོ། །​རིམ་གྲོ་པ་ནི་ལྷའི་བྱང་ཆུབ་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐའ་ཡས་བློ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་བློ་ཞེས་བྱའོ། །​འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་བཅུ་བཞི་བཅུ་བཞིའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14380#UT22084-045-001-14380