ལོ་བདུན་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་བློ་གནས་པའི་རང་བཞིན་སྐྱེ་བའི་ཡུལ་ནི་འོད་མཐོང་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་དགུ་བཅུ་རྩ་གཅིག་གོ། །​ཡབ་ནི་ལྷས་མཆོད་ཅེས་བྱའོ། །​ཡུམ་ནི་ལྷས་མཆོད་མ་ཞེས་བྱའོ། །​སྲས་ནི་བདེན་པའི་ཏོག་ཅེས་བྱའོ། །​རིམ་གྲོ་པ་ནི་མཚན་བྱིན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཆོད་བཀོད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཀྱི་སྤོང་བ་ཞེས་བྱའོ། །​འདུས་པ་ནི་ལན་ལྔ་བཅུ་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་བཅུ་དྲུག་བཅུ་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་སུམ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཟླ་བ་བཟང་པོ་སྐྱེ་བའི་ཡུལ་ནི་འཇིག་རྟེན་མངོན་པར་དགའ་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སུམ་ཅུའོ། །​ཡབ་ནི་ཟླ་མཆོག་ཅེས་བྱའོ། །​ཡུམ་ནི་སྣང་བ་བྱིན་ཞེས་བྱའོ། །​སྲས་ནི་རིན་ཆེན་དཔལ་ཞེས་བྱའོ། །​རིམ་གྲོ་པ་ནི་ཡོན་ཏན་གྲགས་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་རིན་ཆེན་དབྱངས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཁ་ལོ་སྒྱུར་ཞེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་རྩ་དྲུག་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་བདུན་ཅུ་རྩ་བདུན་བདུན་ནོ། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཆིག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བདུན་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བྱང་ཆུབ་ཡན་ལག་མེ་ཏོག་སྐྱེ་བའི་ཡུལ་ནི་བདུད་རྩིའི་མེ་ཏོག་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དགུ་ཁྲིའོ། །​ཡབ་ནི་ཡེ་ཤེས་མེ་ཏོག་ཅེས་བྱའོ། །​ཡུམ་ནི་ཆོས་ཀྱི་མེ་ཏོག་ཅེས་བྱའོ། །​སྲས་ནི་སྟོན་པ་གྲགས་ཞེས་བྱའོ། །​རིམ་གྲོ་པ་ནི་ཐར་པ་པད་མ་དཀར་པོ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲགས་པའི་རྒྱལ་མཚན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་མཐའ་ཡས་ཞེས་བྱའོ། །​འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་བཞི་བཅུ་བཞིའོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14373#UT22084-045-001-14373