རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་དབྱངས་ཀྱིས་བསྐུལ་བ་སྐྱེ་བའི་ཡུལ་ནི་ཡིད་དུ་འོང་བའི་དབྱངས་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ཉིས་སྟོང་དྲུག་བརྒྱའོ། །​ཡབ་ནི་སྒྲོན་མའི་རྒྱལ་པོ་ཞེས་བྱའོ། །​ཡུམ་ནི་གཟི་བརྗིད་ཆེན་མོ་ཞེས་བྱའོ། །​སྲས་ནི་རིན་ཆེན་རྣམ་པར་གྲགས་ཞེས་བྱའོ། །​རིམ་གྲོ་པ་ནི་འཁྲུལ་པ་མེད་པར་སེམས་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མིག་སྡུག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་སྒྲོན་མ་ཞེས་བྱའོ། །​འདུས་པ་ནི་ལན་བཅུ་གསུམ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དགུའོ། །​སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཉི་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་གཽ་ཏ་མ་སྐྱེ་བའི་ཡུལ་ནི་དྲང་སྲོང་གཟི་བརྗིད་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ཁྲི་བཞི་སྟོང་ངོ་། །​ཡབ་ནི་བསམ་གཏན་དགའ་ཞེས་བྱའོ། །​ཡུམ་ནི་ཡིད་དུ་འོང་ཞེས་བྱའོ། །​སྲས་ནི་ཙམ་པ་མཆོག་ཅེས་བྱའོ། །​རིམ་གྲོ་པ་ནི་བདུད་རྩིའི་མེ་ཏོག་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་སྟབས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྩོན་འགྲུས་བརྟན་པོའི་གོ་བགོས་པ་ཞེས་བྱའོ། །​འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་བརྒྱ་ཕྲག་བཅྭ་བརྒྱད་བཅྭ་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་བཞི་ཁྲི་བཞི་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་བཞི་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མདངས་སྟོབས་སྐྱེ་བའི་ཡུལ་ནི་ཡིད་འོང་མཐོང་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་ཁྲི་བརྒྱད་སྟོང་ངོ་། །​ཡབ་ནི་ཟླ་བའི་ཏོག་ཅེས་བྱའོ། །​ཡུམ་ནི་ལྟ་བ་གསལ་ཞེས་བྱའོ། །​སྲས་ནི་སྙིང་སྟོབས་མཆོག་ཅེས་བྱའོ། །​རིམ་གྲོ་པ་ནི་བདེན་གྲོགས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་བཟང་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་དུ་འོང་བྱིན་ཞེས་བྱའོ། །​འདུས་པ་ནི་ལན་བརྒྱད་ཅུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བརྒྱད་ཅུ་རྩ་རེ་རེའོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་སུམ་སྟོང་ངོ་། །​དམ་པའི་ཆོས་ནི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14372#UT22084-045-001-14372