ཐེར་འབུམ་ཕྲག་གཅིག་གོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱའོ། །​དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་གདུལ་དཀའ་སྐྱེ་བའི་ཡུལ་ནི་སྦྱོར་གྲུབ་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བྱེ་བའོ། །​ཡབ་ནི་སྒྲ་གཅན་ལྷ་ཞེས་བྱའོ། །​ཡུམ་ནི་བསོད་ནམས་ཅན་ཞེས་བྱའོ། །​སྲས་ནི་ཟླ་སྦེད་ཅེས་བྱའོ། །​རིམ་གྲོ་པ་ནི་བདེན་དགའ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་དམ་པ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འབྲུག་སྒྲ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་སུམ་འབུམ་མོ། །​གཉིས་པ་ལ་ནི་ལྔ་འབུམ་མོ། །​གསུམ་པ་ལ་ནི་བརྒྱད་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་བརྒྱད་དོ། །​དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བརྒྱད་ཀྱི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་མཚན་སྐྱེ་བའི་ཡུལ་ནི་ཟླ་ལྡན་ཞེས་བྱའོ། །​རིགས་ནི་བྲམ་ཟེའི་རིགས་སོ། །​འོད་ནི་དཔག་ཚད་ལྔའོ། །​ཡབ་ནི་སྐར་རྒྱལ་བཤེས་གཉེན་ཞེས་བྱའོ། །​ཡུམ་ནི་ནོར་ལྷས་བྱིན་ཞེས་བྱའོ། །​སྲས་ནི་རྡོ་རྗེའི་སྡེ་ཞེས་བྱའོ། །རིམ་གྲོ་པ་ནི་རིན་ཆེན་དགའ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཉི་མའི་སྙིང་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཁ་ལོ་སྒྱུར་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་འབུམ་ཕྲག་སུམ་ཁྲིའོ། །​གཉིས་པ་ལ་ནི་འབུམ་ཕྲག་ལྔ་ཁྲིའོ། །​འདུས་པ་གསུམ་པ་ལ་ནི་ཉན་ཐོས་འབུམ་ཕྲག་དྲུག་ཁྲིའོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །​དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་གསུམ་གྱི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་སྒྲ་གཅན་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་འོད་ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བདུན་ཅུ་རྩ་དྲུག་གོ། །​ཡབ་ནི་མཐུ་རྩལ་སྟོབས་ཞེས་བྱའོ། །​ཡུམ་ནི་ཟིལ་མི་ནོན་ཅེས་བྱའོ། །​སྲས་ནི་ཟླ་འོད་ཅེས་བྱའོ། །​རིམ་གྲོ་པ་ནི་བཻ་དཱུརྱའི་སྙིང་པོ་ཞེས་བྱའོ། །​ཤེས་རབ་ཅན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14072#UT22084-045-001-14072