ཁྱེར་གཟི་བརྗིད་གསལ་བ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བརྒྱ་ཙམ་མོ། །​ཡབ་ནི་ཚོགས་ཅན་གྱི་རྒྱལ་པོ་ཞེས་བྱའོ། །​ཡུམ་ནི་སྐལ་ལྡན་དགའ་ཞེས་བྱའོ། །​སྲས་ནི་ལྷུན་པོ་སྦྱིན་ཞེས་བྱའོ། །​རིམ་གྲོ་པ་ནི་ལྷའི་ཟླ་བ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་དགའ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷས་མཆོད་ཅེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་དྲུག་དང་བྱེ་བ་ཕྲག་གཉིས་སོ། །​གཉིས་པ་ལ་ནི་དུང་ཕྱུར་ཕྲག་དྲུག་དང་བྱེ་བ་ཕྲག་གཅིག་གོ། །​གསུམ་པ་ལ་ནི་དུང་ཕྱུར་ཕྲག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲིའོ། །​དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་བརྟན་ལྡན་སྐྱེ་བའི་ཡུལ་ནི་བསོད་ནམས་སྒྲ་སྒྲོགས་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་གཅིག་གོ། །​ཡབ་ནི་ས་ལའི་རྒྱལ་པོ་ཞེས་བྱའོ། །​ཡུམ་ནི་སྐྱེས་བུ་བཟང་དགའ་ཞེས་བྱའོ། །​སྲས་ནི་སྲིད་སྦྱིན་ཞེས་བྱའོ། །​རིམ་གྲོ་པ་ནི་དཔལ་སྟོབས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་བའི་ཏོག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་འོད་ཅེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་འབུམ་མོ། །​གཉིས་པ་ལ་ནི་ས་ཡ་ཕྲག་དགུའོ། །​འདུས་པ་གསུམ་པ་ལ་ནི་ས་ཡ་ཕྲག་བརྒྱད་དོ། །​སྐུ་ཚེའི་ཚད་ནི་ལོ་ཁྲི་ཉིས་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཉི་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ལྷའི་དཔལ་སྐྱེ་བའི་ཡུལ་ནི་རིན་ཆེན་ལྡན་པ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བཅུ་གཉིས་སོ། །​ཡབ་ནི་སྦྲང་རྩིའི་སྣོད་ཅེས་བྱའོ། །​ཡུམ་ནི་ཆོས་ཅན་མ་ཞེས་བྱའོ། །​སྲས་ནི་དགའ་བའི་ཏོག་ཅེས་བྱའོ། །​རིམ་གྲོ་པ་ནི་བརྩོན་འགྲུས་བརྟན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ས་སྦྱིན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟླ་སྟོབས་ཅན་ཞེས་བྱའོ། །​འདུས་པ་ནི་ལན་ཅིག་སྟེ། ཉན་ཐོས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14071#UT22084-045-001-14071