ཅེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་དོ། །​ཡབ་ནི་ཙམ་པའི་མིག་ཅེས་བྱའོ། །​ཡུམ་ནི་སྨན་ཅེས་བྱའོ། །​སྲས་ནི་ནབ་སོ་ཞེས་བྱའོ། །​རིམ་གྲོ་པ་ནི་ཤིན་ཏུ་འཇིགས་མེད་ཅེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་བླ་མ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཆོས་འཕགས་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་བརྒྱ་ཕྲག་བཅུ་གཉིས་སོ། །​གཉིས་པ་ལ་ནི་བྱེ་བ་བརྒྱ་ཕྲག་བཅུ་བཞིའོ། །​འདུས་པ་གསུམ་པ་ལ་ནི་ཉན་ཐོས་བྱེ་བ་བརྒྱ་ཕྲག་བཅྭ་བརྒྱད་དོ། །​བཞི་པ་ལ་ནི་ཉན་ཐོས་བྱེ་བ་བརྒྱ་ཕྲག་ཉི་ཤུའོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་འོད་འཕྲོ་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་རྡུལ་བཟངས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དྲུག་ཅུའོ། །​ཡབ་ནི་བསོད་ནམས་ཕུང་པོ་ཞེས་བྱའོ། །​ཡུམ་ནི་ཆོས་ཀྱི་བློ་གྲོས་མ་ཞེས་བྱའོ། །​སྲས་ནི་ཙམ་པའི་མཆོག་ཅེས་བྱའོ། །​རིམ་གྲོ་པ་ནི་ཤིན་ཏུ་སྤོབས་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འབྲུག་སྒྲ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་བླ་མ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་ས་ཡ་ཕྲག་བདུན་ནོ། །​གཉིས་པ་ལ་ནི་ས་ཡ་ཕྲག་བརྒྱད་དོ། །​གསུམ་པ་ལ་ནི་ས་ཡ་ཕྲག་དགུའོ། །​སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །​དམ་པའི་ཆོས་ནི་ལོ་སུམ་འབུམ་གྱི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་འོད་བཟང་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་སྐར་འོད་ཅེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བཅུ་གསུམ་མོ། །​ཡབ་ནི་ཉི་མའི་མཐུ་ཞེས་བྱའོ། །​ཡུམ་ནི་ཟླ་ལྡན་མ་ཞེས་བྱའོ། །​སྲས་ནི་དབང་ཕྱུག་ཆེན་པོ་ཞེས་བྱའོ། །​རིམ་གྲོ་པ་ནི་སྟོབས་བརྟན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་བྱིན་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལུས་མདངས་ཅན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14066#UT22084-045-001-14066