དཔའ་བོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོབས་བརྟན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དུང་ཕྱུར་ཕྲག་བརྒྱད་དང་ཁྲི་ཕྲག་གསུམ་མོ། །​གཉིས་པ་ལ་ནི་དེ་ཉིས་འགྱུར་རོ། །​འདུས་པ་གསུམ་པ་ལ་ནི་ཁྲི་ཕྲག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །​དམ་པའི་ཆོས་ནི་ལོ་འབུམ་ལྔ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་ཆོས་བཟང་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་དགུའོ། །​ཡབ་ནི་རྒྱལ་བ་ཞེས་བྱའོ། །​ཡུམ་ནི་མེ་ཏོག་བཟང་ཞེས་བྱའོ། །​སྲས་ནི་བཞིན་འདྲ་ཞེས་བྱའོ། །​རིམ་གྲོ་པ་ནི་ཡུལ་འཁོར་བཟང་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤིན་ཏུ་བཟང་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགའ་བ་ཅན་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་དྲུག་འབུམ་ཉི་ཁྲིའོ། །​གཉིས་པ་ལ་ནི་དྲུག་འབུམ་ཆིག་ཁྲིའོ། །​གསུམ་པ་ལ་ནི་དྲུག་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་ལྔ་བརྒྱའོ། །​དམ་པའི་ཆོས་ནི་ལོ་བཞི་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཉི་མའི་སྙིང་པོ་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་མེ་ཏོག་ཅན་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་ཉིས་བརྒྱའོ། །​ཡབ་ནི་འབྱོར་ལྡན་ཞེས་བྱའོ། །​ཡུམ་ནི་མེ་ཏོག་ཅེས་བྱའོ། །​སྲས་ནི་སྐར་མཁན་ཞེས་བྱའོ། །​རིམ་གྲོ་པ་ནི་ཡེ་ཤེས་བླ་མ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་སྡེ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྡོ་རྗེའི་སྡེ་ཞེས་བྱའོ། །​འདུས་པ་དང་པོ་ལ་ནི་ཉན་ཐོས་ཀྱི་དགེ་སློང་འབུམ་མོ། །​གཉིས་པ་ལ་ནི་ཐེར་འབུམ་མོ། །​འདུས་པ་གསུམ་པ་ལ་ནི་ཉན་ཐོས་དཀྲིགས་ཕྲག་བརྒྱད་དོ། །​བཞི་པ་ལ་ནི་ས་ཡ་ཕྲག་དགུའོ། །​སྐུ་ཚེའི་ཚད་ནི་ལོ་དུང་ཕྱུར་ཕྲག་བདུན་ནོ། །​དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་གསུམ་གྱི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་ཟླ་བ་སྐྱེ་བའི་ཡུལ་ནི་རིན་ཆེན་མཆོག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94/UT22084-045-001-14065#UT22084-045-001-14065