མངོན་པར་ཤེས་པ་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མི་དམྱིགས་སོ། །​ཏིང་ངེ་འཛིན་རྣམས་ཏིང་ངེ་འཛིན་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམྱིགས་སོ། གཟུངས་ཀྱི་སྒོ་རྣམས་གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མི་དམིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མྱི་དམྱིགས་སོ། །​མི་འཇིགས་པ་རྣམས་མི་འཇིགས་པ་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །​སོ་སོ་ཡང་དག་པར་རིག་པ་རྣམས་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མྱི་དམྱིགས་སོ། །​བྱམས་པ་ཆེན་པོ་བྱམས་པ་ཆེན་པོས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མྱི་དམྱིགས་སོ། །​སྙིང་རྗེ་ཆེན་པོ་སྙིང་རྗེ་ཆེན་པོས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མྱི་དམིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྒྱུན་ཏུ་ཞུགས་པའི་འབྲས་བུ་རྒྱུན་ཏུ་ཞུགས་པའི་འབྲས་བུས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མི་དམིགས་སོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལན་ཅིག་ཕྱིར་འོང་བའི་འབྲས་བུས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མྱི་དམིགས་སོ། །​ཕྱིར་མི་འོང་བའི་འབྲས་བུ་ཕྱིར་མི་འོང་བའི་འབྲས་བུས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མྱི་དམྱིགས་སོ། །​དགྲ་བཅོམ་པ་ཉིད་དགྲ་བཅོམ་པ་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མི་དམིགས་སོ། །​རང་བྱང་ཆུབ་རང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6769#UT22084-014-001-6769