ཡང་མྱི་དམྱིགས་སོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །​དབང་པོ་རྣམས་དབང་པོ་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མི་དམིགས་སོ། སྟོབས་རྣམས་སྟོབས་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མི་དམིགས་སོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཕགས་པའི་བདེན་པ་རྣམས་འཕགས་པའི་བདེན་པ་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །​བསམ་གཏན་རྣམས་བསམ་གཏན་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །​ཚད་མེད་པ་རྣམས་ཚད་མེད་པ་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །​གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མི་དམིགས་སོ། །​རྣམ་པར་ཐར་པ་བརྒྱད་རྣམ་པར་ཐར་པ་བརྒྱད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །​མངོན་པར་ཤེས་པ་རྣམས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6768#UT22084-014-001-6768