གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་མ་ལགས། རྣམ་པར་ཐར་པ་རྣམས་ནི་རྣམ་པར་ཐར་པ་མ་ལགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་མ་ལགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་མ་ལགས། མངོན་པར་ཤེས་པ་རྣམས་ནི་མངོན་པར་ཤེས་པ་མ་ལགས། ཏིང་ངེ་འཛིན་རྣམས་ནི་ཏིང་ངེ་འཛིན་མ་ལགས། གཟུངས་ཀྱི་སྒོ་རྣམས་ནི་གཟུངས་ཀྱི་སྒོ་མ་ལགས། དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་དེ་བཞིན་གཤེགས་པའི་སྟོབས་མ་ལགས། མྱི་འཇིགས་པ་རྣམས་ནི་མྱི་འཇིགས་པ་མ་ལགས། སོ་སོ་ཡང་དག་པར་རིག་པ་རྣམས་ནི། སོ་སོ་ཡང་དག་པར་རིག་པ་མ་ལགས། སྙིང་རྗེ་ཆེན་པོ་ནི། སྙིང་རྗེ་ཆེན་པོ་མ་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མ་ལགས་ཏེ། དེ་དག་ནི་ཆོས་ཀྱང་མ་ལགས། ཆོས་མ་ལགས་པ་ཡང་མ་ལགས་སོ། །​བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། གཟུགས་ཡོངས་སུ་མྱི་འཛིན་པ་དང་། ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། འདུ་ཤེས་ཡོངས་སུ་མྱི་འཛིན་པ་དང་། འདུ་བྱེད་ཡོངས་སུ་མྱི་འཛིན་པ་དང་། རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་པ་དང་། །​ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། མྱིག་ཡོངས་སུ་མྱི་འཛིན་པ་དང་། རྣ་བ་ཡོངས་སུ་མྱི་འཛིན་པ་དང་། སྣ་ཡོངས་སུ་མྱི་འཛིན་པ་དང་། ལྕེ་ཡོངས་སུ་མྱི་འཛིན་པ་དང་། ལུས་ཡོངས་སུ་མྱི་འཛིན་པ་དང་། ཡིད་ཡོངས་སུ་མྱི་འཛིན་པ་དང་། །​ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། གཟུགས་ཡོངས་སུ་མྱི་འཛིན་པ་དང་། སྒྲ་ཡོངས་སུ་མྱི་འཛིན་པ་དང་། དྲི་ཡོངས་སུ་མི་འཛིན་པ་དང་། རོ་ཡོངས་སུ་མྱི་འཛིན་པ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6717#UT22084-014-001-6717