བཞི་ཡོངས་སུ་མ་རྫོགས། དབང་པོ་ལྔ་ཡོངས་སུ་མ་རྫོགས། སྟོབས་ལྔ་ཡོངས་སུ་མ་རྫོགས། བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་མ་རྫོགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མ་རྫོགས། འཕགས་པའི་བདེན་པ་བཞི་ཡོངས་སུ་མ་རྫོགས། བསམ་གཏན་བཞི་ཡོངས་སུ་མ་རྫོགས། ཚད་མྱེད་པ་བཞི་ཡོངས་སུ་མ་རྫོགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་མ་རྫོགས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་མ་རྫོགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་མ་རྫོགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་མ་རྫོགས། མངོན་པར་ཤེས་པ་རྣམས་ཡོངས་སུ་མ་རྫོགས། ཏིང་ངེ་འཛིན་རྣམས་ཡོངས་སུ་མ་རྫོགས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མ་རྫོགས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་རྫོགས། མྱི་འཇིགས་པ་བཞི་ཡོངས་སུ་མ་རྫོགས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་རྫོགས། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་མ་རྫོགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའོ། །​དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སྨོན་ལམ་རྣམས་ནི་སྨོན་ལམ་མ་ལགས། དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་མ་ལགས། ཡང་དག་པར་སྤོང་བ་རྣམས་ནི་ཡང་དག་པར་སྤོང་བ་མ་ལགས། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རྫུ་འཕྲུལ་གྱི་རྐང་པ་མ་ལགས། དབང་པོ་རྣམས་ནི་དབང་པོ་མ་ལགས། སྟོབས་རྣམས་ནི་སྟོབས་མ་ལགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་མ་ལགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ལགས། འཕགས་པའི་བདེན་པ་རྣམས་ནི་འཕགས་པའི་བདེན་པ་མ་ལགས། བསམ་གཏན་རྣམས་ནི་བསམ་གཏན་མ་ལགས། ཚད་མེད་པ་རྣམས་ནི་ཚད་མེད་པ་མ་ལགས།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6716#UT22084-014-001-6716