གིས་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་དམིགས་མ་འཚལ་ཏེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་དམིགས་མ་འཚལ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། །​བཅོམ་ལྡན་འདས་བདག་གིས་དངོས་པོ་མ་དམྱིགས་མ་འཚལ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་བདག་གིས་དངོས་པོ་མ་དམིགས་མ་འཚལ་ཡང་དག་པར་རྗེས་སུ་མ་མཐོང་བཞིན་དུ། ཆོས་གང་གིས་ཆོས་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། །​བཅོམ་ལྡན་འདས་དེ་ལྟར་བདག་གིས་ཆོས་ཐམས་ཅད་ལ་འཕེལ་བ་དང་འགྲིབ་པ་མ་དམིགས་མ་འཚལ་བར་འདི་ལྟ་སྟེ། མྱིང་ཙམ་དུ་བྱང་ཆུབ་སེམས་དཔའ་ཞེ་འམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བར་འཕེལ་བ་དང་འགྲིབ་པར་བགྱིས་ན། དེ་ཉིད་བདག་གི་འགྱོད་པར་འགྱུར་རོ། །​བཅོམ་ལྡན་འདས་མིང་དེ་ཡང་གནས་པ་མ་མཆིས་ཐུག་པ་ན། མཆིས་བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མྱིང་དེ་མ་མཆིས་པས་དེ་ལྟར་ན་མྱིང་དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །​བཅོམ་ལྡན་འདས་བདག་གིས་གཟུགས་ཀྱི་འཕེལ་བ་དང་འགྲིབ་པ་མི་དམྱིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་གཟུགས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམྱིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མྱིང་དུ་གདགས་པར་བགྱི། །​བཅོམ་ལྡན་འདས་གཟུགས་ཀྱི་མྱིང་དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མྱིང་དེ་མ་མཆིས་པས་དེ་ལྟར་ན་མྱིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས། བྱིན་གྱིས་བརླབས་པ་མ་མཆིས་སོ། བཅོམ་ལྡན་འདས་བདག་གིས་ཚོར་བའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6528#UT22084-014-001-6528