སུ་བརྟག་པར་བྱའོ། །​དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱ་སྟེ། ཚེ་དང་ལྡན་པ་རབ་འབྱོར་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ནན་ཏན་དུ་མཉན་པར་བྱའོ། །​གཟུང་བར་བྱའོ། །​བཅང་བར་བྱའོ། །​ཀླག་པར་བྱའོ། །​ཡོངས་སུ་ཆུབ་པར་བྱའོ། །​ཚུལ་བཞིན་དུ་ཡིད་ལ་བྱའོ། །​རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ནན་ཏན་དུ་མཉན་པར་བྱའོ། །​གཟུང་བར་བྱའོ། །​བཅང་བར་བྱའོ། །​ཀླག་པར་བྱའོ། །​ཡོངས་སུ་ཆུབ་པར་བྱའོ། །​ཚུལ་བཞིན་དུ་ཡིད་ལ་བྱའོ། །​བྱང་ཆུབ་སེམས་དཔའི་ས་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ནན་ཏན་དུ་མཉན་པར་བྱའོ། །​གཟུང་བར་བྱའོ། །​བཅང་བར་བྱའོ། །​ཀླག་པར་བྱའོ། །​ཡོངས་སུ་ཆུབ་པར་བྱའོ། །​ཚུལ་བཞིན་དུ་ཡིད་ལ་བྱའོ། །​སངས་རྒྱས་ཀྱིས་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ནན་ཏན་དུ་མཉན་པར་བྱའོ། །​གཟུང་བར་བྱའོ། །​བཅང་བར་བྱའོ། །​ཀླག་པར་བྱའོ། །​ཡོངས་སུ་ཆུབ་པར་བྱའོ། །​ཚུལ་བཞིན་དུ་ཡིད་ལ་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་རྟག་ཏུ་རྒྱུན་མྱི་འཆད་པར་བསླབ་པར་བྱ་བའི་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་པའོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གཅིག་པ། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་དེ་ལྟར་བདག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6527#UT22084-014-001-6527