རྣམ་པར་ཤེས་པ་མ་མཆིས་སོ། །​ནམ་མཁའ་ལ་ནི་མྱིག་མ་མཆིས་སོ། །​རྣ་བ་མ་མཆིས་སོ། །​སྣ་མ་མཆིས་སོ། །​ལྕེ་མ་མཆིས་སོ། །​ལུས་མ་མཆིས་སོ། །​ཡིད་མ་མཆིས་སོ། །​ནམ་མཁའ་ལ་ནི་གཟུགས་མ་མཆིས་སོ། །​སྒྲ་མ་མཆིས་སོ། །དྲི་མ་མཆིས་སོ། །​རོ་མ་མཆིས་སོ། །​རེག་མ་མཆིས་སོ། །​ཆོས་མ་མཆིས་སོ། །​ནམ་མཁའ་ལ་ནི་མྱིག་གི་རྣམ་པར་ཤེས་པ་མ་མཆིས་སོ། །​རྣ་བའི་རྣམ་པར་ཤེས་པ་མ་མཆིས་སོ། །​སྣའི་རྣམ་པར་ཤེས་པ་མ་མཆིས་སོ། །​ལྕེའི་རྣམ་པར་ཤེས་པ་མ་མཆིས་སོ། །​ལུས་ཀྱི་རྣམ་པར་ཤེས་པ་མ་མཆིས་སོ། །​ཡིད་ཀྱི་རྣམ་པར་ཤེས་པ་མ་མཆིས་སོ། །​ནམ་མཁའ་ལ་ནི་མྱིག་གི་འདུས་ཏེ་རེག་པ་མ་མཆིས་སོ། །​རྣ་བའི་འདུས་ཏེ་རེག་པ་མ་མཆིས་སོ། །​སྣའི་འདུས་ཏེ་རེག་པ་མ་མཆིས་སོ། །​ལྕེའི་འདུས་ཏེ་རེག་པ་མ་མཆིས་སོ། །​ལུས་ཀྱི་འདུས་ཏེ་རེག་པ་མ་མཆིས་སོ། །​ཡིད་ཀྱི་འདུས་ཏེ་རེག་པ་མ་མཆིས་སོ། །​ནམ་མཁའ་ལ་ནི་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་མཆིས་སོ། །​རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་མཆིས་སོ། །​སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་མཆིས་སོ། །​ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་མཆིས་སོ། །​ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་མཆིས་སོ། །​ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་མཆིས་སོ། །​ནམ་མཁའ་ལ་ནི་སའི་ཁམས་མ་མཆིས་སོ། །​ཆུའི་ཁམས་མ་མཆིས་སོ། །​མྱེའི་ཁམས་མ་མཆིས་སོ། །​རླུང་གི་ཁམས་མ་མཆིས་སོ། །​ནམ་མཁའི་ཁམས་མ་མཆིས་སོ། །​རྣམ་པར་ཤེས་པའི་ཁམས་མ་མཆིས་སོ། །​ནམ་མཁའ་ལ་ནི་མ་རིག་པ་མ་མཆིས་སོ། །​འདུ་བྱེད་མ་མཆིས་སོ། །​རྣམ་པར་ཤེས་པ་མ་མཆིས་སོ། །​མྱིང་དང་གཟུགས་མ་མཆིས་སོ། །​སྐྱེ་མཆེད་དྲུག་མ་མཆིས་སོ། །​རེག་པ་མ་མཆིས་སོ། །​ཚོར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99012#UT22084-014-001-99012