སྩལ་པ། གཟུགས་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​ཚོར་བ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​འདུ་ཤེས་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​འདུ་བྱེད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​རྣམ་པར་ཤེས་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​ཤ་ར་དྭ་ཏིའི་བུ་མྱིག་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​རྣ་བ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​སྣ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​ལྕེ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​ལུས་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​ཡིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​ཤ་ར་དྭ་ཏིའི་བུ་གཟུགས་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​སྒྲ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​དྲི་ཐོབ་པར་བྱང་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​རོ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​རེག་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​ཆོས་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​ཤ་ར་དྭ་ཏིའི་བུ་མྱིག་གི་རྣམ་པར་ཤེས་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །​རྣ་བའི་རྣམ་པར་ཤེས་པ་ཐོབ་པར་བྱ་བ་མྱེད་པ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98798#UT22084-014-001-98798