མངོན་པར་ཤེས་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །​ཏིང་ངེ་འཛིན་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །​གཟུངས་ཀྱི་སྒོ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །​མྱི་འཇིགས་པ་བཞི་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །​སོ་སོ་ཡང་དག་པར་རིག་པ་བཞི་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །​བྱམས་པ་ཆེན་པོ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །​སྙིང་རྗེ་ཆེན་པོ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །​ཐམས་ཅད་ཤེས་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །​གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཐོབ་པར་བགྱི་བ་དང་། མངོན་པར་རྟོགས་པར་བགྱི་བ་མ་མཆིས་པའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །​གསོལ་བ། བཅོམ་ལྡན་འདས་གང་ལ་ཐོབ་པར་བགྱི་བ་མ་མཆིས་པ་དང་། མངོན་པར་རྟོགས་པར་བགྱི་བ་མ་མཆིས་པ་རྣམ་པར་དག་པ་ལགས། །​བཅོམ་ལྡན་འདས་ཀྱིས་བཀའ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98797#UT22084-014-001-98797