མྱེད་པ་སྟོང་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་དོར་བ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པ་དང་། རང་བཞིན་སྟོང་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​རང་བཞིན་སྟོང་པ་ཉིད་རྣམ་པར་དག་པས། ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པ། ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པས། རང་བཞིན་སྟོང་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་རང་བཞིན་སྟོང་པ་ཉིད་རྣམ་པར་དག་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པས། རང་གི་མཚན་ཉིད་སྟོང་པ་ཉིད་རྣམ་པར་དག་པ། རང་གི་མཚན་ཉིད་སྟོང་པ་ཉིད་རྣམ་པར་དག་པས། ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​རང་གི་མཚན་ཉིད་སྟོང་པ་ཉིད་རྣམ་པར་དག་པས། མྱི་དམྱིགས་པ་སྟོང་པ་ཉིད་རྣམ་པར་དག་པ། མི་དམྱིགས་པ་སྟོང་པ་ཉིད་རྣམ་པར་དག་པས། རང་གི་མཚན་ཉིད་སྟོང་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་རང་གི་མཚན་ཉིད་སྟོང་པ་ཉིད་རྣམ་པར་དག་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​མྱི་དམྱིགས་པ་སྟོང་པ་ཉིད་རྣམ་པར་དག་པས། དངོས་པོ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པ། དངོས་པོ་མེད་པ་སྟོང་པ་ཉིད་རྣམ་པར་དག་པས། མྱི་དམྱིགས་པ་སྟོང་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་མྱི་དམྱིགས་པ་སྟོང་པ་ཉིད་རྣམ་པར་དག་པ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98275#UT22084-014-001-98275