པ་ཉིད་རྣམ་པར་དག་པས། འདུས་མ་བྱས་སྟོང་པ་ཉིད་རྣམ་པར་དག་པ། འདུས་མ་བྱས་སྟོང་པ་ཉིད་རྣམ་པར་དག་པས། འདུས་བྱས་སྟོང་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་འདུས་བྱས་སྟོང་པ་ཉིད་རྣམ་པར་དག་པ་དང་། འདུས་མ་བྱས་སྟོང་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​འདུས་མ་བྱས་སྟོང་པ་ཉིད་རྣམ་པར་དག་པས། མཐའ་ལས་འདས་པ་སྟོང་པ་ཉིད་རྣམ་པར་དག་པ། མཐའ་ལས་འདས་པ་སྟོང་པ་ཉིད་རྣམ་པར་དག་པས། འདུས་མ་བྱས་སྟོང་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་འདུས་མ་བྱས་སྟོང་པ་ཉིད་རྣམ་པར་དག་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​མཐའ་ལས་འདས་པ་སྟོང་པ་ཉིད་རྣམ་པར་དག་པས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པས། མཐའ་ལས་འདས་པ་སྟོང་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་མཐའ་ལས་འདས་པ་སྟོང་པ་ཉིད་རྣམ་པར་དག་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པས། དོར་བ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པ། དོར་བ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རྣམ་པར་དག་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​དོར་བ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པས། རང་བཞིན་སྟོང་པ་ཉིད་རྣམ་པར་དག་པ། རང་བཞིན་སྟོང་པ་ཉིད་རྣམ་པར་དག་པས། དོར་བ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98274#UT22084-014-001-98274