དང་གཟུགས་རྣམ་པར་དག་པ་སྟེ། དེ་ལྟར་ན་མྱིང་དང་གཟུགས་རྣམ་པར་དག་པ་དང་། སྐྱེ་མཆེད་དྲུག་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མི་དད་དོ། །​སྐྱེ་མཆེད་དྲུག་རྣམ་པར་དག་པས། རེག་པ་རྣམ་པར་དག་པ། རེག་པ་རྣམ་པར་དག་པས། སྐྱེ་མཆེད་དྲུག་རྣམ་པར་དག་པ་སྟེ། དེ་ལྟར་ན་སྐྱེ་མཆེད་དྲུག་རྣམ་པར་དག་པ་དང་། རེག་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །རེག་པ་རྣམ་པར་དག་པས། ཚོར་བ་རྣམ་པར་དག་པ། ཚོར་བ་རྣམ་པར་དག་པས། རེག་པ་རྣམ་པར་དག་པ་སྟེ། དེ་ལྟར་ན་རེག་པ་རྣམ་པར་དག་པ་དང་། ཚོར་བ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མི་དད་དོ། །​ཚོར་བ་རྣམ་པར་དག་པས། སྲེད་པ་རྣམ་པར་དག་པ། སྲེད་པ་རྣམ་པར་དག་པས། ཚོར་བ་རྣམ་པར་དག་པ་སྟེ། དེ་ལྟར་ན་ཚོར་བ་རྣམ་པར་དག་པ་དང་། སྲེད་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྲེད་པ་རྣམ་པར་དག་པས། ལེན་པ་རྣམ་པར་དག་པ། ལེན་པ་རྣམ་པར་དག་པས། སྲེད་པ་རྣམ་པར་དག་པ་སྟེ། དེ་ལྟར་ན་སྲེད་པ་རྣམ་པར་དག་པ་དང་། ལེན་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ལེན་པ་རྣམ་པར་དག་པས། སྲིད་པ་རྣམ་པར་དག་པ། སྲིད་པ་རྣམ་པར་དག་པས། ལེན་པ་རྣམ་པར་དག་པ་སྟེ། དེ་ལྟར་ན་ལེན་པ་རྣམ་པར་དག་པ་དང་། སྲིད་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​སྲིད་པ་རྣམ་པར་དག་པས། སྐྱེ་བ་རྣམ་པར་དག་པ། སྐྱེ་བ་རྣམ་པར་དག་པས། སྲིད་པ་རྣམ་པར་དག་པ་སྟེ། དེ་ལྟར་ན་སྲིད་པ་རྣམ་པར་དག་པ་དང་། སྐྱེ་བ་རྣམ་པར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98270#UT22084-014-001-98270