པས། གཏི་མུག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གཏི་མུག་ཡོངས་སུ་དག་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་ཡོངས་སུ་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པས། གཏི་མུག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གཏི་མུག་ཡོངས་སུ་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ།​། །​།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅོ་ལྔ་པ། །​རབ་འབྱོརད་གཞན་ཡང་མ་རིག་པ་རྣམ་པར་དག་པས། འདུ་བྱེད་རྣམ་པར་དག་པ། འདུ་བྱེད་རྣམ་པར་དག་པས། མ་རིག་པ་རྣམ་པར་དག་པ་སྟེ། དེ་ལྟར་ན་མ་རིག་པ་རྣམ་པར་དག་པ་དང་། འདུ་བྱེད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །འདུ་བྱེད་རྣམ་པར་དག་པས། རྣམ་པར་ཤེས་པ་རྣམ་པར་དག་པ། རྣམ་པར་ཤེས་པ་རྣམ་པར་དག་པས། འདུ་བྱེད་རྣམ་པར་དག་པ་སྟེ། དེ་ལྟར་ན་འདུ་བྱེད་རྣམ་པར་དག་པ་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​རྣམ་པར་ཤེས་པ་རྣམ་པར་དག་པས། མྱིང་དང་གཟུགས་རྣམ་པར་དག་པ། མྱིང་དང་གཟུགས་རྣམ་པར་དག་པས། རྣམ་པར་ཤེས་པ་རྣམ་པར་དག་པ་སྟེ། དེ་ལྟར་ན་རྣམ་པར་ཤེས་པ་རྣམ་པར་དག་པ་དང་། མྱིང་དང་གཟུགས་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​མྱིང་དང་གཟུགས་རྣམ་པར་དག་པས། སྐྱེ་མཆེད་དྲུག་རྣམ་པར་དག་པ། སྐྱེ་མཆེད་དྲུག་རྣམ་པར་དག་པས། མྱིང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98269#UT22084-014-001-98269