ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་ཡོངས་སུ་དག་པས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པས། གཏི་མུག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གཏི་མུག་ཡོངས་སུ་དག་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་ཡོངས་སུ་དག་པས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པས། གཏི་མུག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གཏི་མུག་ཡོངས་སུ་དག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་ཡོངས་སུ་དག་པས། སའི་ཁམས་ཡོངས་སུ་དག་པ། སའི་ཁམས་ཡོངས་སུ་དག་པས། གཏི་མུག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གཏི་མུག་ཡོངས་སུ་དག་པ་དང་། སའི་ཁམས་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མི་དད་དོ། །​གཏི་མུག་ཡོངས་སུ་དག་པས། ཆུའི་ཁམས་ཡོངས་སུ་དག་པ། ཆུའི་ཁམས་ཡོངས་སུ་དག་པས། གཏི་མུག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གཏི་མུག་ཡོངས་སུ་དག་པ་དང་། ཆུའི་ཁམས་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་ཡོངས་སུ་དག་པས། མྱེའི་ཁམས་ཡོངས་སུ་དག་པ། མྱེའི་ཁམས་ཡོངས་སུ་དག་པས། གཏི་མུག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གཏི་མུག་ཡོངས་སུ་དག་པ་དང་། མྱེའི་ཁམས་ཡོངས་སུ་དག་པ་འདི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98256#UT22084-014-001-98256