མུག་ཡོངས་སུ་དག་པས། ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་དག་པ། ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་དག་པས། གཏི་མུག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གཏི་མུག་ཡོངས་སུ་དག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་ཡོངས་སུ་དག་པས། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པས། གཏི་མུག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གཏི་མུག་ཡོངས་སུ་དག་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་ཡོངས་སུ་དག་པས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པས། གཏི་མུག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གཏི་མུག་ཡོངས་སུ་དག་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་ཡོངས་སུ་དག་པས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པས། གཏི་མུག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གཏི་མུག་ཡོངས་སུ་དག་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མི་དད་དོ། །གཏི་མུག་ཡོངས་སུ་དག་པས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་དག་པས། གཏི་མུག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གཏི་མུག་ཡོངས་སུ་དག་པ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98255#UT22084-014-001-98255