རྣམ་པར་དག་པས། འདུ་བྱེད་རྣམ་པར་དག་པ། འདུ་བྱེད་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། འདུ་བྱེད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། རྣམ་པར་ཤེས་པ་རྣམ་པར་དག་པ། རྣམ་པར་ཤེས་པ་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། མྱིག་རྣམ་པར་དག་པ། མྱིག་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། མྱིག་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། རྣ་བ་རྣམ་པར་དག་པ། རྣ་བ་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། རྣ་བ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། སྣ་རྣམ་པར་དག་པ། སྣ་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། སྣ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། ལྕེ་རྣམ་པར་དག་པ། ལྕེ་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། ལྕེ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། ལུས་རྣམ་པར་དག་པ། ལུས་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98193#UT22084-014-001-98193