པར་དག་པ་དང་། ཐམས་ཅད་ཤེས་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཞེ་སྡང་རྣམ་པར་དག་པས། ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ། ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པས། ཞེ་སྡང་རྣམ་པར་དག་པ་སྟེ། དེ་ལྟར་ན་ཞེ་སྡང་རྣམ་པར་དག་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​ཞེ་སྡང་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པས། ཞེ་སྡང་རྣམ་པར་དག་པ་སྟེ། དེ་ལྟར་ན་ཞེ་སྡང་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། །​གཏི་མུག་རྣམ་པར་དག་པས། གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། ཚོར་བ་རྣམ་པར་དག་པ། ཚོར་བ་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། ཚོར་བ་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་རྣམ་པར་དག་པས། འདུ་ཤེས་རྣམ་པར་དག་པ། འདུ་ཤེས་རྣམ་པར་དག་པས། གཏི་མུག་རྣམ་པར་དག་པ་སྟེ། དེ་ལྟར་ན་གཏི་མུག་རྣམ་པར་དག་པ་དང་། འདུ་ཤེས་རྣམ་པར་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །​གཏི་མུག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98192#UT22084-014-001-98192