རབ་འབྱོར་འཕགས་པའི་བདེན་པ་ལ་རང་བཞིན་མྱེད་པ་ནི་འཕགས་པའི་བདེན་པ་རྣམས་སོ། །​རབ་འབྱོར་བསམ་གཏན་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གཏན་ལ་རང་བཞིན་མྱེད་པ་ནི་བསམ་གཏན་རྣམས་སོ། །རབ་འབྱོར་ཚད་མྱེད་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚད་མྱེད་པ་ལ་རང་བཞིན་མྱེད་པ་ནི་ཚད་མྱེད་པ་རྣམས་སོ། །​རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་ལ་རང་བཞིན་མྱེད་པ་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །​རབ་འབྱོར་རྣམ་པར་ཐར་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཐར་པ་ལ་རང་བཞིན་མྱེད་པ་ནི་རྣམ་པར་ཐར་པ་རྣམས་སོ། །​རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ལ་རང་བཞིན་མྱེད་པ་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །​རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ལ་རང་བཞིན་མྱེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པའོ། །​རབ་འབྱོར་མངོན་པར་ཤེས་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མངོན་པར་ཤེས་པ་ལ་རང་བཞིན་མྱེད་པ་ནི་མངོན་པར་ཤེས་པ་རྣམས་སོ། །​རབ་འབྱོར་ཏིང་ངེ་འཛིན་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཏིང་ངེ་འཛིན་ལ་རང་བཞིན་མྱེད་པ་ནི་ཏིང་ངེ་འཛིན་རྣམས་སོ། །​རབ་འབྱོར་གཟུངས་ཀྱི་སྒོ་རྣམས་ནི་མ་བཅིངས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97638#UT22084-014-001-97638