པ་ཉིད་ལ་རང་བཞིན་མྱེད་པ་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །​རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ལ་རང་བཞིན་མྱེད་པ་ནི་ངོ་བོ་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་རང་བཞིན་མྱེད་པ་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །​རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲན་པ་ཉེ་བར་གཞག་པ་ལ་རང་བཞིན་མྱེད་པ་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །​རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཡང་དག་པར་སྤོང་བ་ལ་རང་བཞིན་མྱེད་པ་ནི་ཡང་དགེ་པར་སྤོང་བ་རྣམས་སོ། །​རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་ལ་རང་བཞིན་མྱེད་པ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །​རབ་འབྱོར་དབང་པོ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དབང་པོ་ལ་རང་བཞིན་མྱེད་པ་ནི་དབང་པོ་རྣམས་སོ། །​རབ་འབྱོར་སྟོབས་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྟོབས་ལ་རང་བཞིན་མེད་པ་ནི་སྟོབས་རྣམས་སོ། །​རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་ལ་རང་བཞིན་མེད་པ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །​རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རང་བཞིན་མྱེད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །​རབ་འབྱོར་འཕགས་པའི་བདེན་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97637#UT22084-014-001-97637