སེམས་སྐྱེད་པར་འགྱུར་རོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མྱི་གཉིས་པ་དང་། མྱི་དམྱིགས་པའི་ཚུལ་དུ་དོན་དང་ཚུལ་གྱིས་རྗེས་སུ་འབྲང་བར་འགྱུར་རོ། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཉན་པ་འམ་བལྟ་བར་ནུས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །​རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཉན་པ་མྱེད་དོ། །​ལྟ་བ་མྱེད་དོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མྱི་ཉན་མྱི་ལྟའོ། །​ཆོས་ལ་སེམས་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་མི་ཐོས་མྱི་མཐོང་ངོ་། །​ཆོས་ལ་སེམས་མྱེད་པའི་ཕྱིར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །​ཆོས་ལ་སེམས་མྱེད་པའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །​ཆོས་ལ་སེམས་མྱེད་པའི་ཕྱིར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་མྱི་ཐོས་མི་མཐོང་ངོ་། །​ཆོས་ལ་སེམས་མྱེད་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་མི་ཐོས་མྱི་མཐོང་ངོ་། །​ཆོས་ལ་སེམས་མྱེད་པའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །​ཆོས་ལ་སེམས་མྱེད་པའི་ཕྱིར། ནང་སྟོང་པ་ཉིད་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །​ཆོས་ལ་སེམས་མྱེད་པའི་ཕྱིར། ཕྱི་སྟོང་པ་ཉིད་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །ཆོས་ལ་སེམས་མྱེད་པའི་ཕྱིར། ཕྱི་ནང་སྟོང་པ་ཉིད་ནི་དེ་དག་གིས་མྱི་ཐོས་མྱི་མཐོང་ངོ་། །​ཆོས་ལ་སེམས་མྱེད་པའི་ཕྱིར། སྟོང་པ་ཉིད་སྟོང་པ་ཉིད་ནི་དེ་དག་གིས་མི་ཐོས་མྱི་མཐོང་ངོ་། །​ཆོས་ལ་སེམས་མྱེད་པའི་ཕྱིར། ཆེན་པོ་སྟོང་པ་ཉིད་ནི་དེ་དག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97614#UT22084-014-001-97614