ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​འདུ་བྱེད་བསམ་གྱིས་མི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པར་བལྟའོ། །​རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​མྱིག་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​རྣ་བ་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​སྣ་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། ལྕེ་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​ལུས་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​ཡིད་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​གཟུགས་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​སྒྲ་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​དྲི་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​རོ་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​རེག་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​ཆོས་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​མྱིག་གི་རྣམ་པར་ཤེས་པ་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​རྣ་བའི་རྣམ་པར་ཤེས་པ་བསམ་གྱིས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97576#UT22084-014-001-97576