རྣམས་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་བལྟའོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་བལྟའོ། །​མྱི་འཇིགས་པ་རྣམས་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་བལྟའོ། །​སོ་སོ་ཡང་དག་པར་རིག་པ་རྣམས་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་བལྟའོ། །​སྙིང་རྗེ་ཆེན་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་བལྟ་འོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་བལྟའོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་བལྟའོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་བལྟའོ། །​ཕྱིར་མྱི་འོང་བའི་འབྲས་བུ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་བལྟའོ། །​དགྲ་བཅོམ་པ་ཉིད་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་བལྟའོ། །​རང་བྱང་ཆུབ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་བལྟའོ། །​ལམ་གྱི་རྣམས་ཤེས་པ་ཉིད་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་བལྟའོ། །​བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་བལྟའོ། །​སེམས་ཅན་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​གཟུགས་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​ཚོར་བ་བསམ་གྱིས་མྱི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མྱི་ཁྱབ་པར་བལྟའོ། །​འདུ་ཤེས་བསམ་གྱིས་མྱི་ཁྱབ་པའི་སླད་དུ། །​འདུ་བྱེད་བསམ་གྱིས་མྱི་ཁྱབ་པའི་སླད་དུ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97575#UT22084-014-001-97575