རྒྱ་ཆུང་ངུར་བགྱིད་པ་འམ། དེ་བཞིན་གཤེགས་པའི་སྟོབས་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། མྱི་འཇིགས་པ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། སོ་སོ་ཡང་དག་པར་རིག་པ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། སྙིང་རྗེ་ཆེན་པོ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །​བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཕྱིར་མྱི་འོང་བའི་འབྲས་བུ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། དགྲ་བཅོམ་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རང་བྱང་ཆུབ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ལམ་གྱི་རྣམ་པ་ཤེས་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །​བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཚོར་བ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། འདུ་ཤེས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། འདུ་བྱེད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། རྣམ་པར་ཤེས་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། །​དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །​བཅོམ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97529#UT22084-014-001-97529