ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་གཞག་པ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཡང་དག་པར་སྤོང་བ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རྫུ་འཕྲུལ་གྱི་རྐང་པ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། དབང་པོ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། སྟོབས་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། བྱང་ཆུབ་ཀྱི་ཡན་ལག་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །​བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འཕགས་པའི་བདེན་པ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། བསམ་གཏན་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཚད་མྱེད་པ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རྣམ་པར་ཐར་བ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །​བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཏིང་ངེ་འཛིན་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། གཟུངས་ཀྱི་སྒོ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97528#UT22084-014-001-97528