པའི་འབྲས་བུ་མ་ལགས་སོ། །​གང་ལེན་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་སྲིད་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་སྐྱེ་བ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་རྒ་ཤི་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་ནང་སྟོང་པ་ཉིད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །​གང་ཕྱི་སྟོང་པ་ཉིད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97483#UT22084-014-001-97483